Comments are off for this post

གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས། Dromo Geshe Rinpoche

BRIEF HISTORY AND FACTS INTO THE SEARCH AND RECOGNIZATION OF REINCARNATION

Young Dromo Geshe Rinpoche, Tenzin Oden was born on 15th December 2002 to family of father Ugen Tenzin and mother Lobsang Dolma in Bylakuppe, which is the biggest Tibetan refugee settlement in South India. The previous Dromo Geshe Rinpoche passed away on 10th September 2001 to show his disciples the impermanence nature of life.
Soon after that, a search team was formed by the Sanghas of Sera Je Drati Khangtsen to look for the true reincarnation and requested the same to His Holiness the 14th Dalai Lama. He was officially recognized by the His Holiness the 14th Dalai Lama as the true reincarnation of previous Dromo Geshe Rinpoche on 28th October 2005 through his profound vision and divine wisdom.
The young Rinpoche was ordained by His Holiness the Dalai Lama at Sera Je Monastery and named him TENZIN JIGMEY LHUNDRUB. The official enthronement ceremony at his private monastery THARPA CHOELING MONASTERY in Kalimpong was held on 22nd August 2007and grand traditional reception and official enthronement ceremony at Sera Je Monastery on 6th October 2007. This was followed by official enthronement ceremony at Sera Je Drati Khangtsen.
Dromo Geshe Rinpoche is one of the high ranking Tulkus of Sera Je Monastery which is evident in the history of the monastery. The last Dromo Geshe Rinpoche was admitted and enthroned at Sera Je Monastery in Tibet in the year of 1943. As per the tradition rules of the monastery, he obtained the special degrees of Rigchung and Rigchen after studying for many years.
He was awarded the Geshe Lharampa Degree by Geshe Lobsang Wangchug, the then abbot of the monastery in 1958. Due to the Chinese invasion of Tibet, Rinpoche had to finish his study by taking the lower degree of Lingsel Geshe.
After spending about 9 months in prisons, he escaped to India. As he came to see H.H. the Dalai Lama, he was asked to work as a director in Tibet House in Delhi and served there for four years. Later he visited United State of America and established a Dharma centre and invited H.H. the Dalai Lama to the centre. H.H. the Dalai Lama visited and stayed there for whole a week and named the centre KHANGJONG NAMGYAL.

An alert to all authorities and individuals related to Dromo Geshe Rinpoche
To all the devotees and related peoples and organizations,
Dromo Geshe Rinpoche TENZIN JIGMEY LHUNDRUB was officially recognized as the true and lone reincarnation of the previous Dromo Rinpoche by His Holiness the 14th Dalai Lama and six million Tibetans. The young Rinpoche was also officially enthroned at Sera Je Monastery on 6th October 2007 and recognized by the monks of Sera Je Monastery.
Recently, we heard odd news of recognizing another boy in Gangtok as the incarnation of Dromo Geshe Rinpoche from by a group which is against His Holiness the 14th Dalai Lama and against 6 million Tibetans. We also overheard that the boy was admitted in Dokhang Khangtsen.
Since issues are baseless and misleading which are aimed to destroy the reputation of Dromo Geshe Rinpoche, Sera Je Monastery and H.H. the Dalai Lama. We Sera Je Monastic Administration condemned such acts and confirmed that we will never recognize and accept above false claims.
We request all concerned authorities, organizations, individuals to be on alert and not to fall in the net of false claims.
གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་དང་པོ་ངག་དབང་སྐལ་བཟང་མཆོག་ནི་ཕྱི་ལོ་༡༨༦༦ལོར་སྐུ་འཁྲུངས་ཤིང་དགུང་ལོ་བརྒྱད་ཙམ་ལ་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད་ཅིང་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས་ཏེ་གསན་བསམ་མཐར་ཕྱིན་ཐོག་ཀ་སྦུག་ཐར་པ་ཆོས་གླིང་དགོན་སྡེ་སོགས་སུ་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་ནས་༡༩༣༦ལོར་སྐུ་ཞི་བར་གཤེགས་སོ།

གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་རྒྱལ་བསྟན་འཇིགས་མེད་དབང་ཕྱུག་མཆོག་ནི། ཕྱི་ལོ་༡༩༣༧ལོར་འབྲས་ལྗོངས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༤༡ལོར་སེར་བྱེས་གྲྭ་ཚང་དང་བྲ་ཏི་ཁང་ཚན་དུ་ཆོས་ཞུགས་མཛད། དགུང་ལོ་བཅུ་གཅིག་ལ་རིགས་ཆུང་ཚོགས་བཞེང་གནང་། དགུང་ལོ་བཅུ་བདུན་དུ་རིགས་ཆེན་ཚོགས་བཞེང་གནང་། གསན་བསམ་མཐར་ཕྱིན་ཐོག་དགུང་ལོ་ཉི་ཤུ་རྩ་གཉིས་ལ་དགེ་བཤེས་མཚན་རྟགས་བཞེས། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་ལྡི་ལི་བོད་ཁང་གི་དབུ་འཛིན་གནང་རྗེས་ཀ་སྦུག་ཁུལ་དུ་དད་ལྡན་སེར་སྐྱ་མི་དམངས་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་ནས།  ཕྱི་ལོ་༢༠༠༡ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།

གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་མཆོག་ནི། ཕྱི་ལོ་༢༠༠༢ཟླ་བ་༡༢ཚེས་༡༥ཉིན་རྒྱ་གར་ལྷོ་ཕྱོགས་སྦེེལ་ཀོབ་ཏུ་སྐུ་འཁྲུངས་ཤིང། སྐུ་གོང་མའི་འབྲེལ་ཡོད་རྣམས་ནས་ཡང་སྲིད་ཐད་ཁང་ཚན་གྱིས་ཐུགས་འགན་བཞེས་དགོས་སྐོར་ནན་གྱིས་སྐུལ་བར་བརྟེན་དགེ་བཤེས་བློ་བཟང་ཤེས་རབས་ཀྱིས་གཙོས་ཁང་ཚན་འདི་ཉིད་ཀྱི་འདུས་མང་ཡོངས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་བསྟན་པ་སྤྱི་ལ་དགོངས་ཏེ་ཁང་ཚན་གྱི་མཚན་ཐོག་ནས་༧གོང་ས་མཆོག་ལ་ཡངསྲིད་དགོས་གལ་གྱི་སྙན་ཞུ་ཕུལ་དོན་བཞིན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་མཆོག་སྐུ་གོང་མའི་ཡང་སྲིད་དུ་གསོལ་སྩལ་བྱུང་བ་དང་། ཕྱི་ལོ་༢༠༠༥ཟླ་བ་༡༢ཚེས་༡༠ཉིན་༧གོང་ས་མཆོག་གིས་ཞི་བདེའི་གཟེང་རྟགས་བཞེས་པའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་ཐོག་སེར་བྱེས་གྲྭ་ཚང་དང་བྲ་ཏི་ཁང་ཚན་སོགས་སེར་སྐྱ་ཐུན་མོང་ནས་ན་བཟའ་འབུལ་བཞེས་སྐབས་ནམ་མཁའ་ནས་འཇའ་ཚོན་ཤར་བའི་ལྟས་ཁྱད་པར་ཅན་བྱུང་བ་དང་། ཕྱི་ལོ་༢༠༠༦ཟླ་བ་༤ཚེས་༢༦ཉིན་གཞིས་གསར་གཟིམ་ཁང་ནས་སེར་བྱེས་གྲྭ་ཚང་དུ་ཞབས་སོར་འཁོད་དེ་གྲྭ་ཚང་དགེ་བསྐོས་དང་། དབུ་མཛད། བྲ་ཏི་དང་གཙང་པས་གཙོས་ཁང་རྒན་རྣམས་ཀྱིས་སྤོས་སྣེའི་ཐོག་གྲྭ་ཚང་དང་། ཁང་ཚན་དུ་ཞུགས་ཁྲིར་འཁོད་དེ་གསོལ་རྒྱུན་གྱི་མཛད་སྒོ་ལེགས་པར་གྲུབ་རྗེས་བླ་བྲང་དུ་གདན་ཞུ་གནང་། ཁང་རྒན་དང་སྤྱི་རྒན་རྣམ་གཉིས་ནས་རྒན་བློ་བཟང་རྒྱ་མཚོ་མཆོག་ལ་རིན་པོ་ཆེར་གཟིགས་སྐྱོང་གནང་དགོས་སྐོར་གསོལ་འདེབས་ཞུས་དོན་ལྟར་ཞལ་བཞེས་ཐོབ། ༢༠༠༧ཟླ་བ་༡ཚེས་༩ཉིན་སེར་བྱེས་གྲྭ་ཚང་གི་གཙུག་ལག་ཁང་ཡང་སྟེང་དུ་༧གོང་ས་མཆོག་གི་སྤྱན་སྔར་གཙུག་ཕུད་ཕུལ་ཏེ་མཚན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་ཞེས་གསོལ་བསྩལ་གནང་བ་དང་༧རྒྱལ་བ་མཆོག་ནས་ཐུགས་ཧ་ཅང་མཉེས་པར་མཛད། ཕྱི་ལོ་༢༠༠༧ཟླ་བ་༡༠ཚེས་༢༧ཉིན་ཚོགས་ཆེན་དང་གྲྭ་ཚང་གཉིས་སུ་ཆོས་ཞུགས་མཛད་པ་དང་ཕྱི་ཉིན་ཁང་ཚན་གཉིས་སུ་ཆོས་ཞུགས་གནང་། དེང་གི་ཆར་ཕྱག་དཔེ་བློ་འཛིན་དང་། བོད་ཡིག་གཙོས་དབྱིན་ཇི་དང་རྒྱ་ཡིག་སོགས་རིག་གནས་ཀུན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།། །།